ང་ཡི་ཡིད་དབང་ཁྱེད་ཀྱིས་འཕྲོག
ཁྱེད་ཀྱིས་ང་ལ་མིག་མི་བལྟ།
ད་ནི་བྱེད་ཐབས་གཞན་མི་འདུག
ཆང་རག་མ་འཐུང་རང་འཐུང་རེད།
ཤེལ་དམ་གཅིག་གིས་ར་མ་ཟི།
ཤེལ་དམ་གཉིས་པས་ར་མ་ཟི།
ཤེལ་དམ་གསུམ་པ་འཐུང་པས་ན།
སྐྱུགས་པ་གཡས་དང་གཡོན་ལ་ཤོར།
སང་ཉིན་ཞོགས་པ་ཡར་ལང་དུས།
ཡང་བསྐྱར་ཁྱེད་རང་སེམས་ལ་འཁོར།
བུ་ངའི་སྙིང་རླུང་སྟོད་ལ་འཚང་།
ང་དང་ཨ་རག་གྲོགས་སུ་གྱུར།
ཉིན་མཚན་རྟག་ཏུ་དྲན་རྒྱུ་གཅིག
བུ་ངའི་སྙིང་གི་ཟེའུ་འབྲུ་ཁྱེད།
འོ་ཙི་འོ་ཙི་སྙིང་སྡུག་ལགས།
ཐེང་གཅིག་ང་ལ་གཟིགས་རོགས་གནང།
No comments:
Post a Comment